སི་ཁྲོན་གྱི་དབུལ་ཕོངས་རྫོང་88ལ་དབུལ་སྐྱོར་ལས་ཀའི་སྡེ་ཁག་ཡོངས་ལོགས་སུ་བཙུགས།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༥ ཚེས་ ༡༡
ཉེ་ཆར། རང་རེའི་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང་གི་དབུལ་སྐྱོར་གནས་སྤོའི་ཡུལ་མིའི་ལས་ཀའི་སྡེ་ཁག་དང་དཔུང་ཁག་འཛུགས་སྐྲུན་ཐད་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ལྟ་སྐུལ་ཞིབ་བཤེར་ལས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ལས་ཀའི་སྡེ་ཁག་དང་སྒྲིག་གཞི་ལེགས་སྒྲིག་ཆ་ཚང་བའི་ཐོག་དམིགས་སར་འབྱོར་ཟིན་པ་དང་། དབུལ་ཕོངས་རྫོང་88གི་དབུལ་སྐྱོར་ལས་ཀའི་སྒྲིག་གཞི་ཡོངས་ལོགས་སུ་བཙུགས་ཡོད་པ་དང་། སྒྲིག་ཁོངས་གསར་པའི་ནང་མི་གྲངས་716ཇེ་མང་དུ་བཏང་ཡོད་པས། དབུལ་སྐྱོར་ལས་འགན་72གྱི་རྫོང་ལ་སྒྲིག་ཁོངས་གསར་པའི་མི་གྲངས་234ཇེ་མང་དུ་ཕྱིན་ཡོད།།
