ཀོང་ཡོན་སངས་རྒྱས་སྟོང་གི་བྲག་རི་སི་ཁྲོན་དང་ཁྲུང་ཆིང་གི་བྲག་ཕུག་རྡོ་བརྐོས་རིག་གནས་སྲུང་སྐྱོབ་ཀྱི་ཚོད་ལྟའི་རིག་དངོས་ཀྱི་གྲས་སུ་ཚུད།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༥ ཚེས་ ༤
   གསར་འགོད་པས་སྤྱི་ཟླ་5པའི་ཚེས་2ཉིན་སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་རིམ་སྔོན་གྱི་བརྟག་དཔྱད་ལས་རིག་དངོས་ལ་ཚད་རིམ་མི་འདྲ་བའི་གཏོར་སྐྱོན་ཐེབས་པ་ཤེས་རྟོགས་བྱུང་། སི་ཁྲོན་གྱི་ས་གནས་མི་འདྲ་བའི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཏེ་ཀོང་ཡོན་སངས་རྒྱས་སྟོང་གི་བྲག་རི་དང་རེན་ཧྲུའུ་གླིང་རྭའི་གྲོང་སྡེ་གཉིས་སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་གྱི་བྲག་ཕུག་དང་རྡོ་བརྐོས་སྲུང་སྐྱོང་གི་ཆེད་དོན་ཚོད་ལྟའི་གྲས་སུ་ཚུད། ཚན་རིག་དང་མཐུན་པའི་སྒོ་ནས་སངས་རྒྱས་སྟོང་གི་བྲག་རིའི་ཚོན་རིས་དང་བྲག་ཕིབས་ཀྱི་སྲུང་སྐྱོབ་དང་། གླིང་རྭའི་གྲོང་སྡེར་སྣ་འཛོམས་ཀྱི་སྔོན་འགོག་ཞིབ་འཇུག་བྱེད་འགོ་བརྩམས།།