ལྔ་གཅིག་དུས་ཆེན་སྐབས་བོད་ལྗོངས་ཀྱིས་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ།
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༥ ཚེས་ ༣

ལྔ་གཅིག་དུས་ཆེན་གྱི་སྐབས་སུ། བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་ལས་བྱེད་པས་ངལ་གསོའི་དུས་མཚམས་སུ་ཡུལ་སྡེ་དང་སྡེ་ཁུལ། སློབ་ར་བཅས་སུ་ཕྱིན་ཏེ་རྒྱ་ཆེའི་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་ལ་ངོ་མཚར་བའི་འཁྲབ་སྟོན་བྱས།།