ཝང་ཏུང་མིང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཕོ་ལན་དང་ཆི་ཁེ། ཨུ་རུ་སུར་འཚམས་འདྲིར་ཕེབས།
ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༢༩
སྤྱི་ཟླ་4པའི་ཚེས་29ཉིན། ཕོ་ལན་མི་དམངས་ཏང་དང་ཆི་ཁེ་སྤྱི་ཚོགས་དམངས་གཙོ་ཏང་། ཨུ་རུ་སུའི་ཨུ་རུ་སུ་གཅིག་གྱུར་ཏང་གིས་གདན་ཞུས་ལྟར། ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་ཨུ་ཡོན། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏུང་མིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཕོ་ལན་དང་ཆི་ཁེ། ཨུ་རུ་སུ་བཅས་ལ་མཛའ་མཐུན་འཚམ་འདྲི་གནང་བར་ཕེབས།།