ཞིང་ཆེན་གྱི་“7+20”བོད་སྐྱོར་ལས་ཀའི་བརྟག་ཞིབ་ཚོགས་ཆུང་གིས་འབའ་ཐང་གི་ཁ་གཏད་རོགས་སྐྲུན་ལས་ཀ་ལ་དཔྱད་བརྗོད་བྱས།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༢༨
མིག་སྔར། ཞིང་ཆེན་གྱི་“7+20”བོད་སྐྱོར་ལས་ཀའི་བརྟག་ཞིབ་ཚོགས་ཆུང་གིས་འདས་ཟིན་པའི་ལོ་ལྔའི་ནང་ཧྲོང་ལིའུ་དང་ཤིན་ཅིན་གྱི་འབའ་ཐང་ལ་ཁ་གཏད་རོགས་སྐྲུན་གྱི་ལས་ཀར་བརྟག་ཞིབ་དང་ཞིབ་བཤེར་བྱེད་སྐབས་བསྟན་དོན། ཧྲང་ལིའུ་དང་ཤིན་ཅིན་གྱི་རོགས་སྐྲུན་ལས་ཀར་སྲིད་ཇུས་ལག་བསྟར་བྱས་པར་ནུས་པ་ཐོན་ཡོད་ལ། ཕྱོགས་ཡོངས་ནས་ས་གནས་གནས་ཚུལ་དང་ཟུང་འབྲེལ་བྱས་ཤིང་། གནད་སྨིན་སྒོས་དམངས་འཚོ་ལག་བསྟར་བྱས་པ་ཡིན། རོགས་སྐྱོར་ཕྱོགས་གཉིས་ཀའི་མཉམ་འབྲེལ་དམ་ཟབ་ཡིན་ལ། རོགས་སྐྲུན་རྣམ་གྲངས་སྐུལ་འདེད་ནུས་ལྡན་དང་ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡིན། ཡང་འབད་བསྐྱར་འབད་ཀྱིས་འབའ་ཐང་གི་འཕེལ་རྒྱས་ནུས་པར་མཐོར་འདེགས་སུ་བཏང་སྟེ་འབའ་ཐང་དུ་ཁྱོན་ཡོངས་འབྱོར་འབྲིང་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིང་།།