ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༢༧
ལི་ཁེ་ཆང་ཙུང་ལི་ཚེས་25ཉིན་སི་ཁྲོན་གཡག་རྔ་རུ་རྟོག་ཞིབ་གནང་སྐབས་བཤད་རྒྱུར། ལུའུ་ཧྲན་ས་ཡོམ་རྗེས་སུ་ཁྱེད་ཚོས་མང་ཚོགས་ཀྱི་སྡོད་ཁང་དང་སྤྱི་སྤྱོད་སྒྲིག་བཀོད་བསྐྱར་སྐྲུན་བྱས་ཡོད་པ་མ་ཟད། ལྷག་པར་ཐོན་ལས་འཕེལ་རྒྱས་དང་གྲོང་རྡལ་ཆུང་གྲས། གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱས་ཡོད། ཞིག་རོ་ཞིག་གི་སྟེང་དུ་ཐོན་ལས་དང་གྲོང་ཁྱེར་མཉམ་བསྲེས་དང་ཐོན་ལས་དང་ཡུལ་ཚོ་གཅིག་འདྲེས་ཀྱི་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད།ཙུང་ལིས་དམིགས་བསལ་གྱིས་བསྟན་དོན། འདི་ནི་བསྐྱར་སྐྲུན་སླར་གསོ་ཡིན་པ་མ་ཟད། དེ་བས་འཕེལ་རྒྱས་བསྐྱར་སྐྲུན་ཡིན། རྒྱལ་ཡོངས་ལ་དཔེ་མཚོན་གྱི་དོན་སྙིང་ལྡན་པ་རེད་ཅེས་བསྟན།།