ཁྱོན་ཡོངས་ནས་གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་སྦྱོང་དང་སློབ་གསོའི་ལས་ཀ་སྤེལ་འགོ་ཚུགས།
ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༢༦

ཉེ་ཆར། དཀར་མཛེས་ཁུལ་གྱི་གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་སྦྱོང་དང་སློབ་གསོ་ལས་ཀའི་བཞུགས་མོལ་ཚོགས་འདུ་དར་མདོ་ནས་འཚོགས།
ཚོགས་འདུའི་སྟེང་ཀྲུང་དབྱང་དང་ཞིང་ཨུའི་གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་སྦྱོང་དང་སློབ་གསོ་ལས་ཀའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། དཀར་མཛེས་ཁུལ་ཡོངས་ཀྱི་ཏང་ཡོན་ཁྲོད་གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་སྦྱོང་དང་སློབ་གསོ་སྤེལ་བར་སྐུལ་སློང་དང་བཀོད་སྒྲིག་བྱས། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལི་ཁྲང་མིང་ཚོགས་འདུར་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོགས་ཆུང་དྲུག་པའི་ཙུའུ་ཀྲང་གཞོན་པ་ཝང་ཏོའོ་ཆིན་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བས་ཚོགས་འདུ་གཙོ་སྐྱོང་གནང་། དཀར་མཛེས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁང་། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡེ་ཧྥན་ཚོགས་འདུར་ཞུགས།ཚོགས་འདུའི་སྟེང་། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིའུ་ཅི་ཞིང་གིས་ཁུལ་ཡོངས་ཀྱི་གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་སྦྱོང་དང་སློབ་གསོའི་ལས་ཀར་བཀོད་སྒྲིག་གནང་། ལྕགས་ཟམ་རྫོང་དང་དཔལ་ཡུལ་རྫོང་། ཕྱག་ཕྲེང་རྫོང་། དཀར་མཛེས་ཁུལ་གྱི་ཐད་གཏོགས་ལས་ཁུངས་བཅས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷནཁང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་རྫོང་དང་ཁུལ་རིམ་པའི་སྡེ་ཁག་གི་འགན་འཁུར་བས་གཏམ་བཤད་གནང་།།