རྔ་བ་ཁུལ་གྱིས་བདེ་བླགས་ངང་ཐའོ་པོ་དང་ཀྲུང་གོའི་ཁྱད་ཆོས། — རྔ་བའི་ཚོང་ཁང་ཞེས་པ་བསྐྲུན།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༢༣
སྤྱི་ཟླ་4བའི་ཚེས་18ཉིན་གྱི་སྔ་དྲོར། ཐའོ་པོ་དང་ཀྲུང་གོའི་ཁྱད་ཆོས། — རྔ་བའི་ཚོང་ཁང་ཞེས་པ་དངོས་སུ་གཉེར་འགོ་ཚུགས། ཐའོ་པོ་དང་ཀྲུང་གོའི་ཁྱད་ཆོས—རྔ་བའི་ཚོང་ཁང་ཞེས་པ་བདེ་བླགས་ངང་བསྐྲུན་པས་རྔ་བ་ཁུལ་གྱི་ཁྱད་ལྡན་ཐོན་རྫས་དྲ་ལམ་ནས་འཚོང་ཉེར་བྱེད་པར་ཕན་ནུས་གལ་ཆེན་ཐོན། མིག་སྔར། རྔ་བ་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྐམ་ཤའི་ཐོན་རྫས་ཁག་ཐོའོ་པའོ་དྲ་ལམ་གྱི་ཚོང་ཁང་ནང་དུ་བདམས་ཤིང་། ཐོན་རྫས་གཞན་དག་ད་ལྟ་གོ་སྒྲིག་བྱེད་བཞིན་ཡོད་པ་རེད།།།