དཀར་མཛེས་ཁུལ་གྱི་མེ་གཟོན་རུ་ཁག་ལ་དྲིལ་བསྒྲགས་ཕོ་ཉ་ཡོད་པར་གྱུར་བ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༢༢
    ཉེ་ཆར།  སྔོན་ཆར་རྒྱལ་ནང་ཤར་ཕྱོགས་བརྙན་འཕྲིན་ཁང་གི་སྐྱེས་པ་ལེགས་འདེམས་ལེ་ཚན་གྱི་ཨང་དང་པོ་ཐོབ་མཁན་དང་གློག་བརྙན་དར་མདོའི་མཛའ་གཞས་གསར་པའི་ནང་འཁྲབ་སྟོན་མཁན་གཙོ་བོ་བཀྲ་ཤིས་རྡོ་རྗེའི་འཁྲབ་སྟོན་པ་འཕགས་པ་སྐྱབས་ཀྱིས་དཀར་མཛེས་ཁུལ་སྤྱི་བདེ་མེ་གཟོན་རུ་ཁག་གི་རུ་དཔོན་ཀྲང་ཐོའི་ལག་ནས་གདན་འདྲེན་ཞུ་ཡིག་བླངས་ཤིང་། དངོས་སུ་ས་ཆ་དེའི་མེ་གཟོན་སྤྱི་ཕན་དྲིལ་བསྒྲགས་ཀྱི་ཕོ་ཉར་གྱུར།།