རྔ་བ་ཁུལ་གྱི་2016ལོའི་ཁག་དང་པོའི་བོད་ཁུལ་ཆེད་དོན་རྣམ་གྲངས་ཀྱི་མ་དངུལ་འབྱོར་ཡོད།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༢༡
   ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་བཞིའི་བོད་ཁུལ་གྱི་2016ལོའི་ཁག་དང་པོའི་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ཀྱི་དངུལ་འཇོག་འཆར་གཞི་བརྒྱུད་བསྒྲགས་བྱས། རྔ་བ་ཁུལ་གྱི་རྣམ་གྲངས་36བརྒྱུད་བསྒྲགས་བྱས་ཤིང་། ཀྲུང་དབྱང་གི་སྔོན་རྩིས་ཁྲོད་བཏང་བའི་མ་དངུལ་སྒོར་ཁྲི་96696འབྱོར་ཡོད། དེའི་ནང་།
  ཁྲོན་ནུབ་བོད་ཁུལ་གྱི་སྐྱེ་ཁམས་སྲོང་སྐྱོབ་དང་འཛུགས་སྐྲུན་ལས་གཞིའི་བྱེ་འགྱུར་ས་ཆའི་ལེགས་བཅོས་ལས་གཞིར་སྒོར་ཁྲི་37437དང་།
  ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་གཞིར་ཁྲི་4844
  ཆེ་བ་དང་འབྲིང་རིམ་ཅན་གྱི་ཆུ་བེད་ལས་གཞིར་སྒོར་ཁྲི་5923
  གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་སྤྲོད་སྒྲིག་བཀོད་ཀྱི་རྣམ་གྲངས་ལ་སྒོར་ཁྲི་11115
  གྲོང་ཁྱེར་དང་གྲོང་རྡལ་གྱི་གཞུང་ལམ་དང་ཟམ་པའི་རགས་ཁ་སོགས་གྲོང་ཁྱེར་གྱི་དོ་དོམ་ལས་དོན་གྱི་རྨང་གཞིའི་སྒྲིག་བཀོད་ལ་སྒོར་ཁྲི་26383
  འབྲིང་རིམ་ཅན་གྱི་ཆུ་བེད་ལས་གཞིའི་ཆུ་ཡུར་མ་ལག་ཆ་ཚང་སྒྲིག་པ་ལ་སྒོར་ཁྲི་10994བཅས་ཡིན།