ཨི་ཐ་ལིའི་ལོ་ངོ་9000ཡི་ལོ་རྒྱུས་ལྡན་པའི་གནའ་བོའི་བྲག་ཕུག་ནང་སྔར་བཞིན་མི་འཚོ་སྡོད་བྱས་འདུག

ཡོང་ཁུངས། འཛམ་གླིང་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༢༠

སྤྱི་ཟླ་4པའི་ཚེས་18ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨི་ཐ་ལིའི་ལྷོ་རྒྱུད་ཀྱི་པ་སི་ལི་ཁ་ཐ་ས་ཁུལ་གྱི་ས་ཞི་ཏི་མ་ཐའེ་ལ་བྲག་ཕུག་ནི་འཛམ་གླིང་སྟེང་གི་ལོ་རྒྱུས་ཆེས་རིང་བའི་གདོད་མའི་བྲག་ཕུག་ཅིག་ཡིན་པ་དང་ད་ལྟ་བྲག་ཕུག་དེའི་ནང་སྔར་བཞིན་མི་འཚོ་སྡོད་བྱས་ཡོད་པ་རེད།།