གེ་སར་གནམ་གྲུ་ཐང་བསྐྲུན་འགོ་ཚུགས་པ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༡༨
     སྤྱི་ཟླ་4པའི་ཚེས་15ཉིན། དཀར་མཛེས་ཁུལ་གྱི་2016ལོའི་བྱང་ལམ་ཡུལ་ཁུལ་གྱི་གཙོ་གནད་རྣམ་གྲངས་གཅིག་བསྡུས་ཀྱིས་ལས་འགོ་ཚུགས་པའི་མཛད་སྒོ་དཀར་མཛེས་གེ་སར་གནམ་གྲུ་ཐང་གི་འཛུགས་སྐྲུན་ཡུལ་དངོས་སུ་སྤེལ། 
     ཉིན་དེར་གཅིག་བསྡུས་ཀྱིས་ལས་འགོ་ཚུགས་པའི་རྣམ་གྲངས་ལ་དཀར་མཛེས་གེ་སར་གནམ་གྲུ་ཐང་གི་འཛུགས་སྐྲུན་དང་། དཀར་མཛེས་རྫོང་ཧུ་པ་གྲོང་ཚོ་གསར་པའི་ཡུལ་སྐོར་འཐུས་ཚང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྡེ་དགེ་རྫོང་གཡུ་སྦྲ་གཞུང་ལམ་གྱི་འཛུགས་སྐྲུན། སྡེ་དགེ་རྫོང་མ་ཎི་གད་མགོ་རྡོ་གྲོང་རྡལ་གྱི་རྣམ་པ་སྒྱུར་བཀོད། གསེར་རྟ་རྫོང་རྣུབ་གཟུར་གྲོང་རྡལ་གྱི་འཛུགས་སྐྲུན་སོགས་རྣམ་གྲངས་23ཡོད། སྤྱིའི་མ་དངུལ་སྒོར་དུང་ཕྱུར་29.16གཏང་དགོས་ལ། ད་ལོར་མ་དངུལ་སྒོར་དུང་ཕྱུར་10.62གཏང་བའི་འཆར་གཞི་ཡོད་པ་རེད།།