ཝང་ཏུང་མིང་གིས་ཅེ་ཁིའི་སྲིད་འཛིན་གྱི་བློ་འདྲི་བ་ཁོ་ཧུའུ་ཐེ་དང་མཇལ་འཕྲད་གནང་།

ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༡༥
    སྤྱི་ཟླ་4པའི་ཚེས་13ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཁྲེན་ཏུའུ་རུ་སི་ཁྲོན་དུ་བརྟག་ཞིབ་དང་འཚམས་འདྲི་གནང་བར་ཕེབས་པའི་ཅེ་ཁིའི་སྲིད་འཛིན་གྱི་བློ་འདྲི་བ་ཁོ་ཧུའུ་ཐེ་དང་མཇལ་འཕྲད་གནང་། 
    མཇལ་འཕྲད་གནང་སྐབས།  ཕྱོགས་གཉིས་ཀྱིས་ད་དུང་འབྲེལ་ཡོད་ཀྱི་མཁའ་སྐྱོད་ཐོན་ལས་རྣམ་གྲངས་དོན་འཁྱོལ་ཡོང་བ་དང་སློབ་གསོའི་གསོ་སྦྱོང་མཉམ་ལས་ལ་སྐུལ་འདེད་བྱེད་པ། ཁེ་ལས་ཕན་ཚུན་གྱི་མ་འཇོག་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཞིབ་ཕྲའི་ལས་དོན་ལ་དམིགས་ཏེ་བསམ་འཆར་བརྗེ་རེས་གནང་།།