མཛོད་དགེ་རྫོང་གིས་ད་ལོར་སྒོར་ཁྲི་53བཏང་ནས་མེ་ཤུལ་རྩྭ་ཐང་གི་བྱེ་འགྱུར་འགོག་བཅོས་བྱ་རྒྱུ་རེད།

ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༡༥
    མེ་ཤུལ་ཡུལ་ཤོག་་ནི་མཛོད་དགེ་རྫོང་གི་འབྲོག་ལས་རྐྱང་གཉེར་གྱི་ཡུལ་ཤོག་ཅིག་ཡིན། རྩྭ་ཐང་གི་ཨ་བྲའི་གནོན་འཚེ་དང་མིའི་གནོད་འཚེ་སོགས་ཀྱི་རྒྱུ་རྐྱེན་འོག རྩྭ་ཐང་བྱེ་འགྱུར་དང་ཞན་འགྱུར་གྱི་སྣང་ཚུལ་མངོན་གསལ་ཡིན་པས། ཡུལ་ཤོག་ཡོངས་ཀྱི་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ལ་ཚོད་འཛིན་བྱེད་བཞིན་འདུག 
    ད་ལོར། མཛོད་དགེ་རྫོང་གིས་ཤུགས་ཆེན་པོས་རྩྭ་ཐང་བྱེ་འགྱུར་དང་ཞན་འགྱུར་གྱི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན་ལ། མ་དངུལ་སྒོར་ཁྲི་53བཏང་ནས་རྩྭ་སོན་ཁུག་མ་1759ཉོས་པ་དང་། མེ་ཤུལ་ཡུལ་ཤོག་གི་ས་ཁྱོན་མུའུ་11.5ཡི་ཨ་བྲ་རྩ་མེད་དུ་གཏོང་བ་དང་། རྩྭ་འདེབས་ས་ཁྱོན་མུའུ་ཁྲི་10.5ཡི་འཛུགས་སྐྲུན་ལས་འགན་སྤེལ་རྒྱུ་རེད། མིག་སྔར། རྩ་སོན་ཚང་མ་མར་སྤྲད་ཚར་བ་དང་ལས་ཀ་ཁག་གོ་རིམ་ཡོད་པའི་སྒོ་ནས་སྒྲུབ་བཞིན་ཡོད།།