རྒྱ་གར་གྱི་དགོན་པ་ཞིག་མེ་སྐྱོན་བྱུང་ཏེ་མི་110རྐྱེན་ལམ་དུ་ཤོར།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༡༡
 
    སྤྱི་ཟླ་4པའི་ཚེས་10ཉིན།   ཁ་ལ་ལ་རུ་ཁག་གིས་ཁོ་ལ་མུའུ་ས་ཁུལ་དུ་ཧིན་དྷུའི་ཆོས་ལུགས་ཀྱི་དགོན་པ་ཞིག་ཏུ་མེ་སྐྱོན་བྱུང་ཏེ་མི་110རྐྱེན་ལམ་དུ་ཤོར་བ་དང་མི་390ལ་རྨས་སྐྱོན་ཕོག རྒྱ་གར་གྱི་ཙུང་ལི་མོ་ཏི་ཉིན་དེའི་ཕྱི་དྲོར་མེ་སྐྱོན་བྱུང་བའི་དགོན་པར་རྟོག་ཞིབ་ཏུ་ཕེབས་པར་མ་ཟད། ཡུལ་དངོས་སུ་མྱུར་སྐྱོར་ལས་ཀར་མཛུབ་སྟོན་གནང་།།