ལིའུ་ཡུན་ཧྲན་གྱིས་ལ་ཝོ་སིའི་མི་དམངས་གསར་བརྗེ་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༧

ལིའུ་ཡུན་ཧྲན་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་བློ་བརྟན་འགྱུར་མེད་སྒོས་ལ་ཝོ་སའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་བསྐྲུན་ལས་དོན་ལ་རྒྱབ་སྐྱོར་བྱ་ངེས། ལ་ཝོ་སིའི་མི་དམངས་གསར་བརྗེ་ཏང་གི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་རྣམས་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་55ལོན་པའི་གོ་སྐབས་དང་བསྟུན་ཏེ་མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་ཏུ་གཏང་བ་དང་དངོས་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྐྱོར་སྲིད་གཉེར་གྱི་མཉམ་མྱོར་བརྗེ་རེས་ལ་ཤུགས་སྣོན་བྱས་ནས་ཀྲུང་གོ་དང་ལ་ཝོ་སིའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་མཛའ་འབྲེལ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏང་འདོད་ཅེས་བསྟན།
ཧྲོན་ཐུང་གིས་ལ་ཝོ་སི་དང་ཀྲུང་གོ་གཉིས་ཀྱི་ཏང་བར་གྱི་བགྲོ་གླེང་གིས་ཝི་སོའི་མི་དམངས་གསར་བརྗེ་ཏང་གི་རང་ངོས་འཛུགས་བསྐྲུན་དང་སྲིད་སྐྱོང་ནུས་པ་མཐོར་འདེགས་སུ་གཏང་བར་དོན་སྙིང་གལ་ཆེན་ལྡན་པ་རེད། ལ་ཝོ་སའིི་མི་དམངས་གསར་བརྗེ་ཏང་གི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གིས་ཀྲུང་གོ་གུང་ཁྲན་ཏང་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ་མཉམ་དུ་ལ་ཝོ་སི་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་མཛའ་འབྲེལ་འཕེལ་རྒྱས་སུ་གཏང་འདོད་ཅེས་བསྟན། །