ཉི་སྟེང་གནམ་གྲུ་ཐང་གི་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་ཐིག་ཤར་གཏོང་བྱ་རྒྱུ་རེད།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༧
     སྤྱི་ཟླ་4པའི་ཚེས་5ཉིན། གསར་འགོད་པས་ཕྱག་ཕྲེང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྫོང་དེས་རྫོང་མཁར་ནས་ཉི་སྟེང་གནམ་གྲུ་ཐང་གི་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་ཐིག་ཤར་གཏོང་བྱ་རྒྱུ་རེད། ལམ་ཐིག་འདི་ཤར་གཏོང་བྱས་རྗེས་ཕྱག་ཕྲེང་མི་དམངས་ཀྱི་ཕྱིར་བསྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་པ་དང་། འགྲིམ་འགྲུལ་གཉེར་སྐྱོང་གི་མ་དངུལ་ཇེ་ཉུང་དུ་གྱུར་བ། དཔལ་འབྱོར་ཚོང་དོན་སྤེལ་རེས་ལ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་བར་ཕན་ནུས་ཆེན་པོ་ཐོན་ངེས།།