ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༧
དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་བསྐྲུན་རྒྱུ་ཡིན་ལ། དེའི་ནང་དུས་ཐེངས་དང་པོ་ད་ལོར་བསྐྲུན་འགོ་བརྩམ་རྒྱུ་རེད། གཡག་རྔ་དང་དར་མདའི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཡིན་པའི་ཆ་ནས་མྱུར་བགྲོད་གཞུང་ལམ་འདི་གསར་བསྐྲུན་བྱེད་པར་རྒྱུ་ལ་རི་བོའི་ཕུག་ལམ་བརྒལ་དགོས་ལ། དར་མདོ་ནས་ར་རྔ་ཁའི་བར་དུ་ཆུ་ཚོད་1ལྷག་མ་གཏོགས་མི་དགོས། རླངས་འཁོར་ཤར་གཏོང་བྱེད་སྐབས་གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་དུའང་རླངས་འཁོར་ཤར་གཏོང་བྱེད་ཐུབ་པ་རེད། སྐབས་དེར། ཁྲེན་ཏུའུ་ནས་ར་རྔ་ཁའི་བར་དུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱ་ཐུབ་པ་མངོན་འགྱུར་བྱུང་ལ། རྒྱུན་ལྡན་གྱི་གནས་ཚུལ་འོག ཆུ་ཚོད་4ཡི་ལྷག་གིས་ར་རྔ་ཁ་ར་འབྱོར་ཐུབ་ངེས།།