ཁེ་ཉི་ཡ་ཡིས་བ་སོ་དང་བསེ་རུའི་རྭ་ཏུན་100ལྷག་མེར་བསྲེག་རྒྱུ་རེད།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༧
        ཁེ་ཉི་ཡ་ཡི་སྲིད་གཞུང་གིས་སྤྱི་ཟླ་3པའི་ཚེས་30ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་ཟླ་4པའི་ཚེས་30ཉིན། ཁེ་ཉི་ཡའི་སྲིད་འཛིན་ཁེན་ཡ་ཐ་སྐུ་དངོས་སུ་བ་སོ་ཏུན་105དང་བསེ་རུའི་རྭ་ཏུན་1.3མེར་བསྲེག་པའི་བྱེད་སྒོར་ཞུགས་རྒྱུ་རེད། བྱེད་སྒོ་འདི་བརྒྱུད་དེ་ཁེ་ཉི་ཡ་སྲིད་གཞུང་གིས་འཛམ་གླིང་སྟེང་བ་སོ་དང་བསེ་རུའི་རྭ་ཉོ་ཚོང་བཀག་སྡོམ་ལ་འབད་བརྩོན་ལྷོད་མེད་བྱེད་བཞིན་པ་མཚོན་པར་བྱ་རྒྱུ་རེད།།