སྐབས་ཉེར་བཞི་པའི་སྲོང་བཙན་རྟགས་མའི་སླེ་གྲུག་འགྲན་སྡུར་གྱི་བྱེད་སྒོ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སྤེལ།

ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༤ ཚེས་ ༦
      ཉེ་ཆར། སྐབས་24པའི་སྲོང་བཙན་རྟགས་མའི་སླེ་གྲུག་འགྲན་སྡུར་བྱེད་སྒོ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སྤེལ། པེ་ཅིང་གི་སློབ་ཆེན་སོ་སོའི་བོད་རིགས་སློབ་ཆེན་པ་དང་པེ་ཅིང་དུ་ཡོད་པའི་བོད་འབྲེལ་སྡེ་ཁག་གི་ལས་བྱེད་མི་སྣ་སོགས་བསྡོམས་པས་མི་500ལྷག་མཛད་སྒོར་ཞུགས། 
      འགྲན་སྡུར་དེ་1991ལོར་ཐོག་མ་བཙུགས་པ་དང་། འདས་ཟིན་པའི་རྒྱལ་ཡོངས་དམངས་ཆེན་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་སྔ་མ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྔ་མ་ང་ཕོད་ངག་དབང་འཇིགས་མེད་ཀྱིས་སྲོང་བཙན་རྟགས་མར་ཤིས་ཚིག་བྲིས།  ད་ལྟ། སྲོང་བཙན་རྟགས་མའི་སླེ་གྲུག་འགྲན་སྡུར་ནི་པེ་ཅིང་དུ་ཡོད་པའི་བོད་རིགས་སྤུན་ཟླའི་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་སའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་འདུག།