ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༣༠
ས་གནས་དེ་གའི་དུས་ཚོད་དེ་ཟླ་3པའི་ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་ལ་ཀུའུ་ནས་ཆེ་ཁི་ཡི་སྲིད་འཛིན་ཚེ་མེ་དང་གྲོས་མོལ་གནང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་གདེང་འཇོག་ཆེན་པོ་གནང་ཞིང་། ཀྲུང་གོ་དང་ཆེ་ཁི་བར་གྱི་འབྲེལ་བ། ཀྲུང་གོ་དང་ཡོ་རབ་བར་གྱི་འབྲེལ་བ། ཀྲུང་གོ་དང་ཡོ་རབ་དབུས་ཤར་གྱི་རྒྱལ་ཁབ་བར་གྱི་མཉམ་ལས་དང་ཐུན་མོང་གི་ཐུགས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་བྱས་ནས་གཅིག་མཐུན་གྱི་ངོས་འཛིན་ཆགས།།