ཉག་ཆུའི་ཁམ་པའི་མེ་ཏོག་གིས་ཡུལ་སྐོར་བ་མང་པོའི་ཡིད་སེམས་བཀུག

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༣༠
       ཉེ་ཆར། ཉག་ཆུ་རྫོང་གི་ས་གནས་མང་པོར་ཁམ་པའི་མེ་ཏོག་རྣམ་པར་བཞད་ཡོད་ཅིང་། གཟའ་མཇུག་ལ་གྲོང་གསེབ་ཏུ་བསྐྱོད་པའི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག རྒྱུས་ལོན་བྱས་པ་ལྟར་ན། ད་ལོའི་ཟླ་བ་གསུམ་གྱི་སྔོན་དུ། ཉག་ཆུའི་སྐྱེ་ཁམས་གྲོང་གསེབ་ཀྱིས་ཡུལ་སྐོར་བ་མི་ཐེངས་1684སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1650ལ་ཟིན།།