ཉག་ཆུའི་འདབ་རྒྱུད་ཀྱི་ཆུ་ནུས་ཐོན་ཁུངས་ཕྱོགས་ཡོངས་ནས་གསར་སྤེལ་ལེགས་གྲུབ་བྱུང་།

ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༢༨
        སྤྱི་ཟླ་3པའི་ཚེས་27ཉིན། ཉག་ཆུའི་ཏོང་ཙུ་ལིན་ཆུ་གློག་ས་ཚིགས་ཀྱི་འཕྲུལ་འཁོར་ཚན་པ་ཆེས་མཐའ་མ་དེའི་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ་རེད། ད་ལྟའི་བར་དུ། ཉག་ཆུའི་སྨད་རྒྱུད་ཀྱི་གློག་ཝ་ཁྲི་1470ཡི་ཆུ་ནུས་ཐོན་ཁུངས་ཕྱོགས་ཡོངས་ནས་གསར་སྤེལ་ལེགས་གྲུབ་བྱུང་ཡོད་ཅིང་། དེ་ནི་རྒྱལ་ཁབ་གྱི་ནུབ་གློག་ཤར་སྐྱེལ་གྱི་གལ་ཆེ་བའི་རྐང་འཛིན་གློག་ཁུངས་ས་ཚིགས་ཀྱི་གྲས་ཡིན།
        འདབ་རྒྱུད་གསར་སྤེལ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་བསྟུན་ནས་ཉག་ཆུའི་ཆུ་རྒྱུད་ཀྱི་གཙོ་གནད་གསར་སྤེལ་དེ་དབུས་སྟོད་ཕྱོགས་སུ་གནས་སྤོར་རྒྱུ་རེད། བར་རྒྱུད་ཀྱི་སྣ་འདྲེན་ཆུ་མཛོད་ལས་གཞི་སྟེ་ཆུ་གཉིས་མདོའི་ཆུ་གློག་ས་ཚིགས་དང་རྒྱལ་ཁབ་ཀྱི་ནུས་རྒྱུད་གཙང་མའི་ལས་གཞི་གལ་ཆེན་དབྱང་ཧྥང་ཤུར་ཆུ་གློག་ས་ཚིགས་སོགས་ལས་གཞི་གཙོ་གྲས་ཀྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་འགོ་བརྩམས། སྟོད་རྒྱུད་ཀྱི་འཆར་འགོད་དང་ཁོར་ཡུག་དཔྱད་འཇོག་ལས་ཀ་དུས་གཅིག་ཏུ་སྐུལ་སྤེལ་བྱེད་བཞིན་ཡོད།།