འབའ་ཐང་དུ་ལོ་ན་མ་སོན་པའི་ན་གཞོན་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་པ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༢༥
      སློབ་འགོ་གསར་པ་ཚུགས་སྐབས། འབའ་ཐང་རྫོང་གི་སློབ་གྲྭ་ཆུང་འབྲིང་ཁག་གིས་སློབ་མ་དང་ཁྱིམ་བདག་རིམ་པ་ལ་ཕྱོགས་ཡོངས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་པ་རེད།
      ཁྱིམ་བདག་ཚོགས་འདུའི་སྟེང་རི་འགོག་དམག་འཁྲུག་གི་འཕྲིན་ཡིག་བསྐྱར་འདོན་བྱས་པ་དང་། རྒྱལ་དར་འོག་ནས་རྒྱལ་གཅེས་བསམ་པའི་སྐད་ཆ་བཤད་པ། ལོ་རྒྱུས་བསྐྱར་དྲན་གྱི་བདངོས་བརྗོད་གློག་བརྙན་ལ་གཟིགས་པ་བཅས་བྱས་ནས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོས་བསམ་པའི་གཏིང་ནས་བོད་ལྗོངས་ཀྱི་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་ལ་ཚོར་སྣང་གཟབ་མོ་སྐྱེས་སུ་བཅུག་པ་དང་། གཏིང་ཟབ་པའི་སྒོ་ནས་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་གནང་བའི་ཐུགས་ཁུར་ལ་མྱོང་ཚོར་བྱེད་དུ་བཅུག་ནས། དགེ་སློབ་ཡོངས་ཀྱི་རྒྱལ་གཅེས་བརྩེ་བ་དང་མི་རིགས་སྙིང་སྟོབས་གསོ་སྦྱོང་བྱས་ཤིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་མོ་ཞིག་བྱས་པ་རེད།