བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་སྙན་ངག་ཚོགས་འདུ་ལྷ་ས་རུ་འཚོགས།

ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༢༤

        སྤྱི་ཟླ་3པའི་ཚེས་31ཉིན། འཛམ་གླིང་སྙན་ངག་ཉིན་མོར་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་《བོད་ལྗོངས་རྩོམ་རིག》དང་《བོད་ལྗོངས་རིག་རྩལ།》དུས་དེབ་གཉིས་ཀྱིས་འགན་སྒྲུབ་མཛད་པའི་དཔྱིད་ཀྱི་བསྟོད་དབྱངས་ཅེས་པའི་སྙན་ངག་ཚོགས་འདུ་གནའ་གྲོང་ལྷ་ས་རུ་འཚོགས། ཁུལ་ནང་གི་སྙན་ངག་པ་དང་རྩོམ་པ་པོ། དེ་མིན་སྙན་ངག་ལ་མོས་མཁན་བཅས་50ལྷག་བྱེད་སྒོར་ཞུགས།།