སི་ཁྲོན་རྔ་བ་རྫོང་གིས་ཉི་མའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ།
ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༢༤

2013ལོ་ནས་བཟུང་། ཁྲོན་ནུབ་མཐོ་སྒང་དུ་གནས་པའི་རྔ་བ་རྫོང་གིས་ཉི་འོད་དཔལ་འབྱོར་བསྐྲུན་འགོ་ཚུགས། ཡུལ་འདིའི་ཉི་འོད་འཕྲོད་འགྱེད་ཆེ་བ་དང་ཉི་འོད་ཕོག་པའི་དུས་ཡུན་རིང་པའི་རང་བྱུང་ཆ་རྐྱེན་ལ་བརྟེན་ནས་འོད་ཤུགས་ཐོན་ལས་འཕེལ་རྒྱས་སུ་བཏང་། མིག་སྔར། ཀྲུང་གོའི་གློག་ཤུགས་མ་འཇོག་ཚོགས་པ་དང་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཀྱིས་རྔ་བ་རྫོང་དུ་ཉི་འོད་ཐོན་ལས་ལ་མ་དངུལ་བཏང་།།