ལི་ཁེ་ཆང་གིས་རྫ་ཆུ་དང་མའེ་ཀུང་གཙང་བོའི་མཉམ་ལས་ཚོགས་འདུར་ཞུགས་པའི་ཐེངས་དང་པོའི་འགོ་ཁྲིད་གྲོས་ཚོགས་ལ་ཞུགས་པའི་མའེ་ཀུང་གཙང་བོའི་རྒྱལ་ཁབ་ལྔའི་འགོ་ཁྲིད་མི་སྣར་དགའ་བསུ་ཞུས།
ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༢༣

ལི་ཁེ་ཆང་གིས་འདས་ཟིན་པའི་ལོ་གཅིག་ནང་རྫ་ཆུ་དང་མའེ་ཀུང་གཙང་བོའི་མཉམ་ལས་ཀྱི་སྒྲིག་སྲོལ་ཐོག་མའི་གྲོས་གཞི་བཏོན་པ་ནས་རྗེས་ཀྱི་ལེགས་འགྲུབ་བར་མཉམ་ལས་སྤྱི་དོན་གྱི་ཡིག་ཆར་གྲོས་འཆམ་དང་། ཆབ་སྲིད་དང་དཔལ་འབྱོར་བདེ་འཇགས། རྒྱུན་སྲིང་འཕེལ་རྒྱས། སྤྱི་ཚོགས་རིག་གནས་བཅས་སྲོག་ཤིང་ཆེན་པོ་གསུམ་དང་ཕན་ཚུན་འབྲེལ་མཐུད་དང་ཐོན་ནུས། ས་ཁོངས་བརྒལ་པའི་དཔལ་འབྱོར། ཆུའི་ཐོན་ཁོངས། ཞིང་ལས། དབུལ་སྒྲོལ་བཅས་སྔོན་ཐོན་གྱི་མཉམ་ལས་ལྔའི་ཁ་ཕྱོགས་གཏན་འབེབ་བྱས་ཏེ་ཐོག་མའི་ཡོང་འབབ་ལས་གཞི་བརྒྱ་ཉེ་བ་བཏོན། འདི་ལས་རྟོགས་ཐུབ་པ་ནི་རྫ་ཆུ་དང་མའེ་ཀུང་གཙང་བོའི་རྒྱལ་ཁབ་དྲུག་གིས་མིག་སྔའི་རྨང་གཞིའི་སྟེང་གོམ་གང་མདུན་སྤོས་སྒོས་ཕན་ཚུན་གྱི་གཏིང་ཟབ་དང་མཉམ་ལས་ལ་ཤུགས་སྣོན། བརྗེ་རེས་གཏིང་ཟབ། འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ཞིང་མི་དམངས་ཀྱི་རེ་འདོད་དང་འཚམས་པར་མ་ཟད། མི་མངོན་པའི་མཉམ་ལས་ནུས་ཤུགས་ཆེན་པོ་ལྡན་ཞེས་བསྟན།།