2025ལོར་འཛམ་གླིང་ཡོངས་ཀྱི་ཧ་ལམ་མི་གྲངས་དུང་ཕྱུར་18ལ་འཐུང་ཆུ་དཀོན་པའི་ཉེན་ཁ་འབྱུང་རྒྱུ་རེད།

ཡོང་ཁུངས། ཞིན་ཧྭ་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༢༣
         སྤྱི་ཟླ་3པའི་ཚེས་23ཉིན།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྒྲགས་པའི་གྲངས་ཀ་ལྟར་ན། 2025ལོར། འཛམ་གླིང་ཡོངས་ཀྱི་ཧ་ལམ་མི་གྲངས་དུང་ཕྱུར་18ལ་འཐུང་ཆུ་དཀོན་པའི་ཉེན་ཁ་འབྱུང་རྒྱུ་ཡིན་པ་དང་མི་གྲངས་གསུམ་ཆའི་གཉིས་ཆུ་དཀོན་པའི་གནས་ཚུལ་འོག་འཚོ་བ་རོལ་དགོས་པའི་ཉེན་ཁ་འདུག་པ་རེད། ཆེད་རམས་པས་ནགས་ཚལ་སྲུང་སྐྱོབ་བྱེད་པ་ནི་འཛམ་གླིང་ཡོངས་ཀྱི་ཚྭ་མེད་ཆུའི་ཐོན་ཁུངས་ལ་དོ་དམ་དང་འཐུང་ཆུ་དཀོན་པའི་ཉེན་ཁ་འགོག་ཟོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད་ཅེས་བསྟན།།