སི་ཁྲོན་ཞིང་ཨུའི་དྲིལ་བསྒྲགས་པུའུ་ཡི་བོད་ཁུལ་བརྟག་ཞིབ་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་ལི་ཐང་རྫོང་དུ་བརྟག་ཞིབ་གནང་།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༡༨

ལས་ཀ་ཚན་ཆུང་སྔ་རྗེས་སུ་ལི་ཐང་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་མི་རིགས་ཆོས་ལུགས་ཅུས། སློབ་གསོ་ཅུས། ཁྲིམས་འཛིན་ཅུས། རིག་གནས་ཡུལ་སྐོར་རླུང་བརྙན་འཕྲིན་ཅུས་དང་བརྙན་འཕྲིན་ཁང་སོགས་སྡེ་ཁག་དང་ཚོ་གསུམ་ཡུལ་ཤོག འཇའ་བ་གྲོང་རྡལ། མཆོད་རྟེན་ཡུལ་ཤོག་སོགས་ཡུལ་ཤོག་དང་གྲོང་སྡེའི་འབྲོག་ར། བོད་བརྒྱུད་ནང་བསྟན་གྱི་དགོནཔ། དེ་མིན་རྫོང་སློབ་འབྲིང་དང་སློབ་ཆུང་གསུམ་པ་སོགས་སློབ་གྲྭ་ཁག་ཏུ་ཡུལ་དངོས་བརྟག་ཞིབ་གནང་། སྙན་ཞུར་ཉན་པ་དང་འབྲེལ་ཡོད་དཔྱད་གཞི་ཡིག་ཆར་བརྟག་དཔྱད་བྱས་པ་བརྒྱུད། ལས་ཁུངས་ཀྱི་ལས་བྱེད་པ་དང་ཡུལ་ཤོག་གམ་ཡུལ་ཚོའི་ལས་བྱེད་པ། དགེ་སློབ་ཀྱི་འཐུས་མི། གྲྭ་བཙུན་གྱི་འཐུས་མི་སོགས་ལས་རིགས་ཁག་གི་མང་ཚོགས་དང་བཞུགས་མོལ་གླེང་མོལ་སྤེལ་ཞིང་། གཏིང་ཟབ་པའི་སྒོ་ནས་བསམ་བློའི་རིག་གནས་དྲིལ་བསྒྲགས་ལས་ཀ་རིམ་པ་ཁག་ཏུ་སྤེལ་པའི་གནས་ཚུལ་ལ་རྒྱུས་ལོན་བྱས།
ལས་ཀ་ཚན་ཆུང་གིས་རྫོང་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་འཐབ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་གསར་གཏོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་པ་དང་། མུ་མཐུད་དུ་བློ་སྤོབས་དར་སྤེལ་བྱས་ཏེ་དུས་བབ་གསར་པའི་ལས་འགན་གྱི་རྗེས་སུ་འབྲངས་ནས། རྒྱུན་ཆད་མེད་པར་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ཞིང་། ཏང་གིས་བོད་ཁུལ་གྱི་བསམ་བློའི་རིག་གནས་དྲིལ་བསྒྲགས་ལས་ཀར་གནང་བའི་རླབས་ཆེན་གྱི་འོས་འགན་ཕྲག་ཏུ་ཁུར་ཏེ་ནན་ཏན་སྒོས་འོས་འགན་ཁག་ལེགས་འགྲུབ་བྱུང་ནས་ལི་ཐང་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བརྟན་འགོད་ལ་སྐུལ་འདེད་གཏང་བར་སྔར་ལས་ལེགས་པའི་མཛད་རྗེས་འཇོག་དགོས་པའི་རེ་བ་བཏོན།།