རྒྱལ་ཡོངས་ཀྱི་མར་རྒྱན་སྒྱུ་རྩལ་ཁང་ཆེས་ཐོག་མ་བོད་ལྗོངས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༡༤
  མར་རྒྱན་སྒྱུ་རྩལ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་གཅེས་ནོར་ཞིག་ཡིན་ལ། དེའི་རྣམ་པ་གསོན་ཉམས་ལྡན་ལ་ཚོན་མདངས་རྣམ་པར་བཀྲ། སྒྱུ་རྩལ་གྱི་ཆུ་ཚད་མཐོ་ལ་ཁྱད་འཕགས་ཀྱི་སྒྱུ་རྩལ་ཉམས་འགྱུར་ལྡན་པས་སྙན་པའི་གྲགས་པ་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁྱབ།  ཉེ་ལམ། གསར་འགོད་པས་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དུ་ཤེས་རྟོགས་བྱུང་པའི་གནས་ཚུལ་ལྟར་ན།  མིག་སྔར་གླིང་དེས་ཚོང་བསྡུའི་མ་དངུལ་རྣམ་གྲངས་དང་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་མར་རྒྱན་སྒྱུ་རྩལ་འགྲེམ་སྟོན། དེ་མིན་རྒྱུན་འཛིན་བརྗོད་བྱར་བཟུང་བའི་སྒྱུ་རྩལ་ཁང་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད། འཆར་གཞི་ལྟར་ན་ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་ནས་བཟུང་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་ཐུབ་རྒྱུ་རེད།།