དར་མདོ་གྲོང་ཁྱེར་གྱི་སྐབས་དང་པོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་ཚོགས་འགོ་ཚུགས།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༡༠
     སྤྱི་ཟླ་3པའི་ཚེས་6ཉིན། དར་མདོ་གྲོང་ཁྱེར་གྱི་སྐབས་དང་པོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོ་ནས་གཟབ་རྒྱས་ངང་འགོ་ཚུགས། སྔ་དྲོའི་ཆུ་ཚོད་10པའི་སྟེང་། གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་ཁག་སོ་སོ་ནས་ཡོང་བའི་མི་དམངས་ཚོགས་ཆེན་གྱི་འཐུས་མི་118ཚོགས་འདུར་ཞུགས། འཐུས་མི་མིན་པའི་གྲོང་ཁྱེར་གྱི་འགོ་ཁྲིད་བློ་མཐུན་དང་གྲོང་ཁྱེར་རིམ་པའི་ལས་ཁུངས། གྲོང་རྡལ་ཁག་གི་འགན་ཁུར་བ། དེ་བཞིན་སྲིད་གྲོས་དར་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྐབས་དང་པོའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡོན་ཁེ་ཡུན་གྱིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།།