ཤུགས་ཆེན་པོས་བོད་ཁུལ་གྱི་ཡང་རྩེར་སོན་པ་དང་མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་སྤེལ་དགོས།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༩
     ཉེ་ཆར། 2016ལོའི་དཀར་མཛེས་ཁུལ་ཡོངས་ཀྱི་སློབ་གསོ་ལས་ཀའི་ཚོགས་འདུ་དར་མདོ་ནས་འཚོགས། ལས་འགན་གཙོ་བོ་ནི་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་བརྒྱད་པའི་ཚོགས་འདུ་དང་དཀར་མཛེས་ཁུལ་གྱི་ཚོགས་འདུ་གཉིས་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོ་ལས་ཀའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སློབ་གསོའི་ལས་ཀ་ཕྱོགས་བསྡོམས་བྱས་པར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དང་2016ལོའི་དཀར་མཛེས་ཁུལ་ཡོངས་ཀྱི་སློབ་གསོའི་ལས་ཀ་བཀོད་སྒྲིག་བྱས། དཀར་མཛེས་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་པིའོ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་།།