རྔ་བ་ཁུལ་གྱིས་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་གྱི་ཐོབ་ཐང་ལ་ཧུར་ཐག་སྒོས་དོན་འཁྱོལ་བྱེད་ཐུབ་པ་བྱས།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༥
ལོ་འགོ་ནས་བཟུང་། རྔ་བ་ཁུལ་གྱིས་དུས་ཐོག་ཏུ་གྲོང་རྡལ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་གྱི་འཚོ་བའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་20760མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་ལ་སྤྲད།
ཟླ་2པའི་ཟླ་མཇུག་གི་སྔོན་དུ་ཁུལ་ཡོངས་ཀྱིས་གྲོང་རྡལ་གྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་མི་གྲངས་49844དང་ཞིང་གྲོང་གི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་མི་གྲངས་143288ལ་འཚོ་བའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་5044.33སྤྲད་དེ་ཁུལ་ཡོངས་ཀྱི་གྲོང་རྡལ་དང་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་ནན་མོ་བྱས།།