མོ་སི་ཁོ་རུ་གནའ་ཉམས་ཅན་གྱི་རླངས་འཁོར་འགྲེམ་སྟོན་བྱས།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༣ ཚེས་ ༥

 

              སྤྱི་ཟླ་3པའི་ཚེས་4ཉིན། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་སྐབས་25པའི་གནའ་ཉམས་ཅན་གྱི་རླངས་འཁོར་འགྲེམ་སྟོན་བྱས། ཐེངས་འདིར་འགྲེམས་སྟོན་སྟེང་ཧྲ་ཧོང་གོང་མའི་དུས་མཇུག་གི་ཉི་ཀུ་ར་སྐུ་ཕྲེང་གཉིས་པ་ནས་ད་བར་གྱི་སྲིད་འཛིན་ཕུའུ་ཅིང་བར་གྱི་འགོ་འཛིན་པ་རིམ་བྱོན་གྱི་བཞུགས་སྡོད་རླངས་འཁོར་འགྲེམ་སྟོན་བྱས།  ཐེངའ་འདིའི་རླངས་འཁོར་འགྲེམས་སྟོན་དེ་ཟླ་3པའི་ཚེས་8བར་དུ་རྒྱུན་མཐུད་བྱ་རྒྱུ་རེད།

 

               ཟླ་3པའི་ཚེས་4ཉིན་རླངས་འཁོར་འགྲེམ་སྟོན་སྟེང་གི་འགྲེམ་རྫས་ཏེ་གཡོན་ནས་གཡས་ཀྱི་གོ་རིམ་ལྟར་དུ་སྐྱེས་པ་ལོ་ན་105སྐབས་ཀྱི་ཕུགས་འདུན་ཞེས་པ་དང་སྐྱེས་པ་ལོ་ན་55སྐབས་ཀྱི་ཕུགས་འདུན། སྐྱེས་པ་ལོ་ན་5སྐབས་ཀྱི་ཕུགས་འདུན་ཞེས་པ་བཅས་སོ།

                                                                               ཟླ་3པའི་ཚེས་4ཉིན་རླངས་འཁོར་འགྲེམ་སྟོན་བྱས་པའི་སྲིད་འཛིན་རླངས་འཁོར་གྱི་རུ་ཁག།