ལིའུ་ཙུའོ་མིང་གིས་རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་འབར་ཁམས་ཀྱི་རྒྱལ་ནང་དུ་ལོག་ནས་གཏན་སྡོད་བྱས་པའི་བོད་རིགས་སྤུན་ཟླ་ཁག་ལ་འཚམས་འདྲི་གནང་བ།

ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༢ ཚེས་ ༢༦
    སྤྱི་ཟླ་2པའི་ཚེས་22ཉིན་གྱི་ཕྱི་དྲོར། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་གིས་འབར་ཁམས་སུ་གཏན་སྡོད་བྱས་པའི་རྒྱལ་ནང་དུ་ལོག་པའི་བོད་རིགས་སྤུན་ཟླ་ཁག་ཅིག་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་མ་ཟད། ཁོ་ཚོ་བརྒྱུད་ནས་རྔ་བ་ཁུལ་ཡོངས་ཀྱི་རྒྱལ་ནང་དུ་ཕྱིར་ལོག་ནས་གཏན་སྡོད་བྱས་པའི་བོད་རིགས་སྤུན་ཟླ་དང་རྒྱལ་ནང་དུ་ཕྱིར་གཉེན་ཉེར་འཚམས་འདྲི་བྱེད་དུ་ལོག་པའི་བོད་རིགས་སྤུན་ཟླར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་ལོ་གསར་གྱི་རྟེན་འབྲེལ་ཞུས།།