མཛོད་དགེ་རྫོང་པར་ཤེས་རྒན་གསོ་ཁང་གི་རྒན་རྒས་ཚོས་ལོ་གསར་ཚེས་བཅོ་ལྔའི་དུས་ཆེན་དགའ་སྤྲོའི་ངང་རོལ་བ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༢ ཚེས་ ༢༦
     ལོ་གསར་ཚེས་བཅོ་ལྔའི་དུས་ཆེན་སྐབས། མཛོད་དགེ་རྫོང་པར་ཤེས་རྒན་གསོ་ཁང་གི་རྒན་རྒས་ཚོ་དགའ་སྤྲོའི་ངང་ལྷན་དུ་འཛོམས་ནས་མཉམ་དུ་སྲོལ་རྒྱུན་གྱི་ལོ་གསར་བཅོ་ལྔའི་དུས་ཆེན་ལ་རོལ། གྲུམ་བུ་ཚིགས་ཆེན་ནད་ཀྱི་ཚོད་ལྟའི་ལས་ཀ་སྤེལ་བ་ནས་བཟུང་། པར་ཤེས་ས་ཁུལ་གྱི་གྲུམ་བུ་ཚིགས་ཆེན་ནད་ཚད་རིམ་གསུམ་པ་ཡན་གྱི་ནད་པ་དང་རྒན་རྒས་དག་ལ་གཅིག་བསྡུས་སྒོས་ནད་གསོ་ཐོབ་པས། རྒན་རྒས་ཚོའི་འཚོ་བ་ཇེ་བཟང་དང་ལུས་ཁམས་བདེ་ཐང་ཡང་ཇེ་ལེགས་སུ་ཕྱིན་ཡོད། ད་ལོའི་ལོ་གསར་ཚེས་བཅོ་ལྔའི་དུས་ཆེན་སྐབས་འདི་ལ། རྒན་རྒས་ཚོ་མཉམ་དུ་འཛོམས་ནས་དུས་ཆེན་ལ་རོལ།།