སི་ཁྲོན་ཞིང་ཆེན་གྱི་སི་ཁྲོན་ཚོང་སྤྱི་ལྷན་ཚོགས་བཙུགས།

ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༢ ཚེས་ ༢༥
     སྤྱི་ཟླ་2པའི་ཚེས་23ཉིན། སི་ཁྲོན་ཞིང་ཆེན་སི་ཁྲོན་ཚོང་སྤྱི་ལྷན་ཚོགས་ཁྲེན་ཏུའུ་ནས་བཙུགས། དེ་ནས་བཟུང་། སི་ཁྲོན་གྱི་ཚོང་པར་བྱ་གཞག་འཕེལ་རྒྱས་གཏང་བའི་མཉམ་སྤྱོད་ལས་སྟེགས་དང་བསམ་པའི་ཁྱིམ་གཞིས་ཡོད་པ་རེད། འདི་ནི་ཀྲེ་ཅང་ཚོང་སྤྱི་ལྷན་ཚོགས་བཙུགས་རྗེས་རྒྱལ་ཡོངས་སུ་བཙུགས་པའི་ཚོང་ཚོགས་སྤྱི་ཁྱབ་ལྷན་ཚོགས་གཉིས་པ་རེད།། 
     མཛད་སྒོའི་སྟེང་ཞིང་ཆེན་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཕིན་ཡུས་ཀྱིས་སི་ཁྲོན་ཚོང་སྤྱི་ལྷན་ཚོགས་ལ་སྒོ་བྱང་སྤྲད། ཞིང་དཔོན་གཞོན་པ་དབྱང་ཤིན་ཕིང་གིས་ཤིས་ཚིག་ཕུལ་བ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲིན་ཧྥང་བྱེད་སྒོར་ཞུགས།