ལི་ཐང་རྫོང་གིས་འབྱུང་འགྱུར་གྱི་ལོ་ལྔའི་ནང་སྐྱེ་ཁམས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་རྒྱུ་ཡིན།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༢ ཚེས་ ༢༤
འབྱུང་འགྱུར་ལོ་ལྔའི་ནང་། ལི་ཐང་རྫོང་གིས་མཐོ་སྒང་གི་སྐྱེ་ཁམས་ཀྱི་ལེགས་ཆ་འབུར་དུ་ཐོན་པའི་སྔོན་འགྲོའི་ཆ་རྐྱེན་འོག སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་བ་ལ་དམིགས་ཏེ་གཞི་ཁྱོན་ཅན་དང་ཐོན་ལས་ཅན་དེ་འགག་སྒྲོལ་བྱེད་སར་དམིགས་ཏེ་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་དེ་སྲོལ་རྒྱུན་ནས་དེང་རབས་ཀྱི་བྱེད་སྟངས་སུ་སྒྱུར་བར་ཇེ་མགྱོགས་སུ་གཏང་དགོས་པར་བསྟན།།