དཀར་མཛེས་ཁུལ་སྲིད་གཞུང་གིས་ལས་ཞུགས་ཀྱི་ཉིན་དང་པོར་ཅི་ལྟར་ད་ལོའི་ལས་ཀ་གཙོ་བོ་དག་བཀོད་སྒྲིག་བྱས་ཡིན་ནམ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༢ ཚེས་ ༢༤
      2016ལོའི་ཟླ་2པའི་ཚེས་21ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་ཙུའུ་ཡི་ཧྲུའུ་ཅི་ཡེ་ཤེས་ཟླ་བས་2016ལོའི་ཏང་ཙུའུ་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་། ཕྱོགས་ཡོངས་ནས་ད་ལོའི་ལས་ཀའི་གཙོ་གནད་བཀོད་སྒྲིག་བྱས་པ་རེད། ཡེ་ཤེས་ཟླ་བས་ཅི་ལྟར་ཏང་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བྱེད་པ་དང་ཅི་ལྟར་སྲིད་གཙང་དར་སྤེལ་གཏང་བ། ཅི་ལྟར་འབབ་འཕར་བརྟན་པོར་གཏང་བ། ཅི་ལྟར་གནད་སྨིན་དབུལ་སྐྱོར་ལས་ཀ་ཞིབ་ཕྲ་རུ་གཏང་བ། ཅི་ལྟར་ཐབས་ཇུས་ཆེན་པོ་དྲུག་ལག་བསྟར་བྱེད་པ། ཅི་ལྟར་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། ཅི་ལྟར་ཐུམ་འབུའི་ནད་འགོག་བཅོས་བྱེད་པ་སོགས་ཕྱོགས་14ཡི་ཐད་ཀྱི་ལས་ཀ་བཀོད་སྒྲིག་གནང་བ་ཡིན་ནམ། ཡུལ་སྐོར་དང་ཆུ་གློག གཏེར་ཁ། ཞིང་ལས། རིག་གནས། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་སོགས་ཐོན་ལས་ཀྱི་ལས་ཀར་ནན་བཤད་གནང།།