ལིའུ་ཡུན་ཧྲན་གྱིས་ཀྲུང་དབྱང་དྲིལ་སྒྲོག་རིག་གནས་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་གྲོས་ཚོགས་སྟེང་གསུང་བཤད་གནང་།
ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༢ ཚེས་ ༢༢

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་ཀྲུང་དབྱང་གི་དྲིལ་སྒྲོག་རིག་གནས་ལས་ཁུངས་11གི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་གནང་། ཚང་མས་སྤྱི་ཁྱབ་་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱིས་གཏིང་ཟབ་པའི་སྒོ་ནས་ཏང་གི་གསར་འགྱུར་ལས་དོན་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་དག་ལ་ལན་བཏབ་པ་དང་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་། དེ་ནི་དུས་བབ་གསར་པའི་འོག་ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་གནད་དོན་གལ་ཆེན་ལེགས་པོ་བསྒྲུབ་པར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་དང་དྲིལ་སྒྲོག་བསམ་བློའི་ལས་ཀ་ཡོངས་ལ་མཛུབ་སྟོན་གྱི་དོན་སྙིང་ཆེན་པོ་ལྡན་ལ། བསམ་བློ་དང་བྱ་སྤྱོད་གཉིས་ཀ་གསུང་བཤད་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱ་དགོས་པའི་བསམ་ཚུལ་བསྟན།
ལིའུ་ཡུན་ཧྲན་གྱིས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པར་དངོས་ཡོད་དང་འབྲེལ་ཏེ་དངོས་འབེབ་བྱ་དགོས་པ་དང་རིམ་པ་སོ་སོའི་དྲིལ་སྒྲོག་སྡེ་ཁག་དང་གསར་འགྱུར་ལས་ཁུངས་ཀྱིས་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པའི་ཞིབ་ཕྲའི་འཆར་འགོད་བཟོ་དགོས། གསུང་བཤད་གནང་བའི་དགོངས་དོན་ཀྱི་སློབ་སྦྱོང་བགྲོ་གླེང་དང་ཕྱོགས་བསྡུས་གསོ་སྦྱོང་རྩ་འཛུགས་བྱེད་པ་དང་གཏིང་ཟབ་པའི་སྒོ་ནས་མར་ཁེ་སིའི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་སློབ་གསོ་སྤེལ་དགོས། དེ་མིན་བསྒྱུར་བཀོད་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ་གནད་དོན་ཡོད་པའི་སྒོ་ནས་སློབ་སྦྱོང་ལག་བསྟར་དང་བར་ཁྱད་ལ་ངོས་འཛིན། དངོས་ཡོད་དང་མཐུན་པའི་བྱེད་ཐབས་སྤྱད་དེ་གནད་དོན་ཐག་གཅོད་བྱ་དགོས། རིམ་པ་སོ་སོའི་ཏང་ཨུས་གསར་འགྱུར་གླེང་ཕྱོགས་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་དང་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།།