ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༢ ཚེས་ ༡༧
སྤྱི་ཟླ་2པའི་ཚེས་15ཉིན། ཞིང་ཆེན་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་2015ལོའི་རང་རེའི་སི་ཁྲོན་ཞིང་ཆེན་གྱི་དམངས་འཚོའི་རྩིས་ཐོ་བཀོད་ཡོད། 2015ལོའི་ཞིང་ཆེན་ཡོངས་ཀྱི་དམངས་འཚོའི་ལས་གཞི་ཁག་བཅུ་དང་དམངས་འཚོའི་དོན་ཆེན་20ཡི་ལེགས་འགྲུབ་བྱས་ཚུལ་སྙན་ཞུ་ཞུས། དེའི་ནང་སྒོར་མོའི་འགྲོ་སོང་གཏོང་ས་ནི་ལས་ཞུགས་སྐུལ་འདེད་དང་དབུལ་སྐྱོར་དཀའ་སེལ། མི་རིགས་ས་ཁུལ་དབུལ་སྐྱོར། སློབ་གསོ་སློབ་སྐྱོར། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། མི་སེར་བདེ་སྡོད། དམངས་འཚོའི་རྨང་གཞིའི་སྒྲིག་བཀོད། སྐྱེ་ཁམས་ཁོར་ཡུག རིག་གནས་ལུས་རྩལ་སོགས་དམངས་འཚོའི་དོན་དངོས་བརྒྱ་ལྷག་དང་འབྲེལ་བ་ཡོད།