ཉག་ཆུ་རྫོང་གི་ལོ་སར་རིག་གནས་ཁྲོད་ཞིང་འབྲོག་མང་ཚོགས་མཉམ་དུ་ཞུགས།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༢ ཚེས་ ༡༧
    སྤྱི་ཟླ་2པའི་ཚེས་9ཉིན་ཏེ་ལོ་སར་གྱི་ཚེས་གཉིས་ཉིན། ཉག་ཆུ་རྫོང་རྒྱལ་ཁྲལ་ཐང་ཆེན་དུ་དར་ཚོན་སྣ་ལྔའི་གབ་ཚིག་གི་གློག་སྒྲོན་ལྔ་བརྒྱ་ལྷག་བཀལ་ཡོད། དེས་ཞིང་འབྲོག་མང་ཚོགས་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་སྟེ་ནང་དུ་ཞུགས། རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་དགའ་སྐྱིད་ལ་རོལ་བ་དང་སྦྲགས་ཤེས་བྱ་ཡང་མང་པོ་ཞིག་ཐོབ་ཡོད་པ་དང་། རིག་གནས་ཀྱི་བྲོ་བས་ཁེངས་པའི་ལོ་སར་ཞིག་རོལ་བཞིན་ཡོད།