ལོ་སར་ཚེས་ལྔའི་ཉིན། ལྕགས་ཟམ་རྫོང་དུ་དམག་དམངས་མཉམ་སྤྲོའི་ངང་ནས་ལོ་སར་བསུས།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༢ ཚེས་ ༡༧
      ལྕགས་ཟམ་རྫོང་གི་ཞིང་ཆེན་རིམ་པའི་གཉིས་འཛོམས་དཔེ་སྟོན་རྫོང་བཏོད་པའི་གྲུབ་འབྲས་སྔར་བས་ལེགས་པར་སྟོན་པ་དང་། དམག་དམངས་མཉམ་དུ་རྒྱལ་ཡོངས་ཀྱི་གཉིས་འཛོམས་དཔེ་སྟོན་རྫོང་གི་ཞི་མཐུན་རྣམ་པ་བཟང་པོ་བསྐྲུན་ཆེད། ལོ་སར་གྱི་ཚེས་ལྔ་སྟེ་སྤྱི་ཟླ་2པའི་ཚེས་12ཉིན། ལྕགས་ཟམ་རྫོང་གི་ལྕགས་ཟམ་ཁའི་ཐང་ཆེན་དུ་འཆམ་མཐུན་ལེ་ཚན་ཏེ་དཔེ་སྟོན་སྲོལ་བཟང་འཛུགས་རྒྱུར་ང་ཚོས་ལག་ལེན་བྱེད་བཞིན་ཡོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དམག་དམངས་མཉམ་བསྐྲུན་གྱི་མཉམ་སྤྲོའི་འཁྲབ་སྟོན་སྤེལ། རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་ལྕགས་ཟམ་རྫོང་དུ་བཅའ་སྡོད་ཀྱི་དཔོན་དམག་རྣམས་མཉམ་དུ་འཛོམས་ཤིང་། ལོ་གསར་པའི་ནང་དམག་དམངས་དབར་གྱི་བརྩེ་བ་ཉ་མོ་དང་ཆུ་བཞིན་འདྲིས་པའི་བརྩེ་བ་མཚོན་ཡོད།