འབའ་ཐང་དུ་དཔེ་ཆའི་དྲི་བསུང་འཐུལ་བའི་ལོ་སར་རོལ།
ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༢ ཚེས་ ༡༦

རྫོང་དེའི་ཤིན་ཧྭ་དཔེ་ཚོང་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་ལྟར་ན། ད་ལོའི་དཔེ་དེབ་འགྲེམས་ཚོང་བྱེད་སྒོ་ལ་དཔེ་དེབ་5000ལྷག་ཀློག་པ་པོར་ཉོ་སྒྲུབ་མཁོ་འདོན་བྱས་ཡོད། ལས་བྱེད་པ་དང་ལས་བཟོ་བ། ལས་འཁྱུར་ངལ་གསོ་པ། གྲྭ་བཙུན། སློབ་མ་སོགས་བྱ་འགུལ་དེའི་ནང་ཞུགས་ཡོད་ལ་ཉིན་གཉིས་ཀྱི་རིང་ལ་དཔེ་དེབ་800ལྷག་ཚོང་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། འབའ་ཐང་རྫོང་གི་ལོ་རེ་རེའི་ལོ་སར་དུས་ཆེན་ལ་བྱེད་སྒོ་འདི་སྤེལ་ཡོད་ལ། དེའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་བསམ་བློ་རིག་གནས་དང་བྱང་ཚད་ཇེ་མཐོར་ཡོང་བར་བྱས་ནས། དཔེ་ཀློག་ནི་ཚེ་གང་གི་གོམས་གཤིས་ཤིག་ཏུ་འགྱུར་པའི་ཆེད་དུ་ཡིན།