ཨོ་སི་ཁྲུ་ལི་ཡ་ནས་དུག་བཟོའི་གྱོད་དོན་ཆེ་ཤོས་ཤིག་རྩད་ཆོད་བྱུང་ཡོད།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༢ ཚེས་ ༡༦
     སྤྱི་ཟླ་2པའི་ཚེས་15ཉིན།ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ཞི་ལི་ནས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཉེན་རྟོག་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨོ་སི་ཁྲུ་ལི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ལོ་རྒྱུས་སྟེང་གི་དུག་བཟོའི་གྱོད་གཞི་ཆེས་ཆེ་ཤོས་ཤིག་བདེ་ལེགས་ངང་རྩད་ཆོད་བྱུང་ཡོད། དུག་བཟོའི་རྒྱུ་ཆ་སྤྱི་རྒྱ་720རྩིས་ལེན་བྱས་ཤིང་རིན་ཐང་ཨ་སྒོར་དུང་ཕྱུར་7.3ལས་བརྒལ་ཡོད། །