ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༢ ཚེས་ ༡༥
སྤྱི་ཟླ་2པའི་ཚེས་7ཉིན། སི་ཁྲོན་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་བཀྲག་མདངས་བྱ་གཞག་སྐུལ་གཏོང་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་འཚམས་འདྲིའི་འཁྲབ་སྟོན་ཐོག་མ་དེ་གངས་ལྗོངས་མཐོ་སྒང་གི་རྔ་བ་རྫོང་དུ་བསྐྱོད་ཅིང་། མཇུག་མཐའི་མཉམ་ལེན་གླུ་དབྱངས་སྐལ་བཟང་ལགས་ཞེས་པས་འཁྲབ་སྟོན་བྱ་འགུལ་མཐོ་རླབས་སུ་དེད། འཁྲབ་སྟོན་པ་དང་མང་ཚོགས་ཡོངས་དགའ་སྤྲོ་རབ་དུ་འཁོལ་བཞིན་འཚམས་འདྲིའི་ཁྲབ་སྟོན་བྱ་འགུལ་ཐོག་མ་དེ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་པ་རེད།