ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ལས་རིགས་ཀྱི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས།
ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༣༡

གྲོས་ཚོགས་སྟེང་འཐུས་མི་བརྒྱད་ཀྱིས་སོ་སོའི་ཉམས་མྱོང་དང་བསམ་གཞིག་དང་སྤྲགས་ཏེ་སྲིད་གཞུང་ལས་ཀའི་སྙན་ཞུ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་ནང་དོན་ཐད་ལ་རང་ཉིད་ཀྱི་ལྟ་ཚུལ་དང་བསམ་འཆར་བཏོན་ཞིང་ལི་ཁེ་ཆང་གིས་སྲིད་གཞུང་ལས་ཀ་ལེགས་པར་བསྒྲུབ་པར་ངེས་པར་དུ་ཕྱོགས་སོ་སོའི་བསམ་འཆར་ལ་ཉན་ཏེ་མི་དམངས་ཀྱི་སེམས་འདུན་མངོན་དུ་འཇུག་དགོས། དེ་རིང་ལྷན་རྒྱས་འདིར་གདན་ཞུ་བྱས་ཏེ་བསམ་འཆར་བཏོན་པ་འདི་ནི་སྲིད་གཞུང་གི་གཏན་འཁེལ་བྱས་པའི་སྲིད་ཇུས་ཁག་དང་བྱེད་ཐབས་དེ་དག་གཞི་རིམ་གྱི་དོན་དངོས་དང་མང་ཚོགས་ཀྱི་ཐུན་མོང་སེམས་འདུན་དང་མཐུན་པའི་ཆེད་དུ་ཡིན་ཞེས་བསྟན།།