ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐེངས་བཞི་བའི་ཚོགས་འདུའི་སྐབས་ཁྱོན་བསྡོམས་གྲོས་གཞི་ཁག་26འབྱོར་ཡོད།

ཡོང་ཁུངས།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༢༨
     གསར་འགོད་པས་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐེངས་བཞི་བའི་གྲོས་ཚོགས་ཀྱི་གྲོས་གཞི་ཚོགས་ཆུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ་1པོའི་ཚེས་27ཉིན་ཕྱི་དྲོའི་ཆུ་ཚོད་18པའི་ཚོགས་ཆེན་གྱིས་གཏན་ཁེལ་བྱས་པའི་གྲོས་གཞི་མཚམས་འཇོག་པའི་དུས་ཚོད་བར་དུ། ད་ཐེངས་ཀྱི་ཚོགས་འདུའི་ནང་ཁྱོན་བསྡོམས་གྲོས་གཞི་ཁག་26འབྱོར་ཡོད། ཞིབ་བཤེར་བྱས་ནས་གཏན་ཁེལ་བྱས་པ་ལྟར་ན། གྲོས་གཞི་ཁག་26ནི་གཏན་འབེབས་དང་མཐུན་ཀྱང་། དེ་དག་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་གྲོས་ཞིབ་བྱེད་རྒྱུ་རེད། 
     གྲོས་གཞི་ཁག་26ནང་དུ། གྲོས་གཞི་ཁག་25ནི་འཐུས་མི་ཚོས་མཉམ་དུ་མིང་བཀོད་པའི་གྲོས་གཞི་ཡིན་ལ། དེའི་ནང་གི་གྲོས་གཞི་1ནི་འཐུས་མི་ཚོགས་པའི་མིང་ནས་བཏོན་པའི་གྲོས་གཞི་ཡིན། གྲོས་གཞི་ཁག་འདི་དག་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཅའ་ཁྲིམས་ལྟ་སྐུལ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས། ཆུའི་སྦགས་བཙོག་འགོག་བཅོས། རྒན་གསོའི་ཞབས་ཞུ། ནད་གཞིའི་འཕྲལ་སྡོམ་རོགས་སྐྱོབ། རིན་གོང་ཉན་སྒྲུབ། གློག་སྐས་འཕར་འཛུགས། མ་མཐའི་འཚོ་བའི་འགན་སྲུང་སོགས་ཕྱོགས་མང་པོའི་ཐད་ལ་འབྲེལ་བ་ཡོད།།