ལི་རྫོང་གིས་སྒོར་ཁྲི་74གྲ་སྒྲིག་བྱས་ནས་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པར་འཚམས་འདྲི་བྱས།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༢༧
     ལོ་གསར་པའི་དུས་ཆེན་སླེབས་ལ་ཉེ་པའི་སྐབས་སུ། སྤྱི་ཟླ་1པོའི་ཚེས25ཉིན། ལི་རྫོང་གི་ཚན་ཆུང་བཞིའི་འགོ་ཁྲིད་རྣམས་རྫོང་དེར་གནས་སྡོད་བྱས་ཡོད་པའི་ལས་འཁྱུར་ངལ་གསོ་བྱེད་པའི་ལས་བྱེད་པ་རྒན་པ་དང་ཚེ་ལས་འདས་པའི་ལས་བྱེད་པའི་ཁྱིམ་མི་དང་མཉམ་དུ་བྱམས་བརྩེའི་ངང་བཞུགས་མོལ་མཛད་པ་མ་ཟད། འཚམས་འདྲིའི་དངུལ་ཁོ་ཚོར་སྤྲད་དེ་ལོ་སར་གྱི་སྨོན་འདུན་ཞུས།།