འཇར་པན་གྱི་ངོ་རྒོལ་ཏང་ཕྱོགས་ཆེན་མོ་གཉིས་པའི་གཙོ་འཛིན་གྱི་བུ་མོར་2016ལོའི་ལོ་རེའི་འཇར་པན་མཛེས་མའི་མཚན་སྙན་ཐོབ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡ ཚེས་ ༢༦

2016ལོའི་ལོ་རེའི་འཇར་པན་མཛེས་མའི་འགྲན་ཚོགས་ཆེན་མོའི་རྟིང་རྩོལ་འགྲན་སྡུར་དེ་ཚེས་25ཉིན་ཐོ་ཁེ་ཡོ་རུ་འཚོགས་ཤིང་འཇར་པན་གྱི་སྲིད་དབང་བཟུང་མེད་པའི་ཏང་ཁག་ཝའེ་ཞིན་ཏང་གི་འཐུས་ཚབ་བམ་གཙོ་འཛིན་སུང་ཡའེ་ལའེ་ཅིའོ་ཡི་བུ་མོ་སུང་ཡའེ་ཝའེ་ཅ་ལ་ལོ་རེའི་འཇར་པན་མཛེས་མའི་ཨང་དང་པོའི་མཚན་སྙན་ཐོབ། །